གནས་ཆེན།

སྤ་དྲོ་སྟག་ཚང་།

taktshang

རྫོང་བྲག་དགོན་པ།

dzongdrakha goenpa

ཆིམ་ཕུག།

ཐིམ་ཕུག་བདེ་ཆེན་ཕུག།

རྟ་མགྲིན་གནས། 

དགོན་ཚེ་ཕུག་གནས།

gen shedra

སྤྲུངས་ན་ཁ་ དགོན་ཚེ་ཕུག་གནས་ཀྱི་སྐོར་ནི།

སྤུ་ན་ཁ་ལས་ མགའ་ས་ཁ་ཐུག་ སྣུམ་འཁོར་གཞུག་ལམ་བདའ་སྟེ་ ཀི་ལོ་མི་ཊར་༢༥་དེ་ཅིག་གིས་ས་ཁར་ དགོན་ཤར་རི་ཟམ་པ་ལས་སོ་ནམས་ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊཪ་༡༠་དེམ་ཅིག་འགྲོའོ་ད་ ཚེ་ཕུག་གནས་ནང་ལྷོད་ཡིན་ལ། རྐང་སྟོང་སྦེ་འགྲོཝ་ཅིན་དུས་ཡུན་ཆུ་ཚོད་༣དེ་ཅིག་འགོར་དོ་ཡོད་པ་ཨིན་པས། ཚེ་བུམ་ དུས་རབས་༨པའི་ ཨྱོན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་ཏེ་ས་གནས་ཀྱི་བདུད་དང་ དམ་སྲིད་དྲེགས་པ་ཅན་ཚུ་ དམ་ལུ་བཏགས་གནང་པའི་ཤུལ་ལས་ཟླཝ་༡གི་རིང་རྡོེ་ལྟ་བུའི་ཏིང་ངེ་འཛིན་ལ་ ཚེའི་སྒྲུབ་པ་གནང་བཞུགས་པའི་སྐབས་ མགོན་པོ་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཏེ་ཚེ་ལ་དབང་བའི་རིག་འཛིན་གྱི་བཀའ་དབང་ཞུས་ཏེ་ ཚེའི་དངོས་གྲུབ་ཐོབ་པའི་བརྡ་མཚོན་ལ་ ཚེ་བུམ་དེ་བྱག་ཕུག་རིང་ཚད་ཁྱིམ་ཐོག་༤དེ་གཅིག་གི་ནང་ན་ གཏེར་ལུ་སྦ་གནང་ཞིན་ལས་གནས་ཀྱི་མིང་ཚེ་ཕུག་ཟེར་བཏགས་གནང་ཡོདཔ་ཡིན་པས་ ནེ་པཱལ་རྒྱལ་ཁབ་ནང་ཡོད་པའི་གུ་རིན་པོ་ཆེའི་སྦས་གནས་ བྲག་ཕུག་མ་ར་ཏི་ཀ་ལས་ཚེའི་དངོས་གྲུབ་ཞུ་ནིའི་གོ་སྐབས་མ་འཐོབ་རུང་ སྤུངས་ན་ཁ་ དགོན་ཚེ་ཕུག་ལུ་ཡོད་པའི་ གུ་རུ་རིན་པོ་ཆེའི་ཚེ་བུམ་ལས་དངོས་གྲུབ་ཞུ་བ་ཅིན་ བྱིན་རླབས་ལུ་ཁྱད་པར་མེད་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་གིས་ བྲག་ཕུ་མ་ར་ཏི་ཀ་ལུ་ཡང་ཚེའི་སྒྲུབ་པ་གནང་སྟེ་ མགོན་པོ་ཚེ་དཔག་མེད་ཀྱི་ ཞལ་གཟིགས་པའི་གནས་ཨིནམ་ལས་བརྟེན་ཏེ་ཨིན་པས།
ཚེ་ཆུ༽ ཚེ་བེམ་གྱི་གནས་རྡོ་ལས་ ཚེ་ཆུ་ཟེར་ གུ་རུ་རིན་པོ་ཆེ་མཆོག་ ཐུགས་དམ་གནང་བཞུགས་པའི་སྐབས་མགོན་པོ་ཚེ་དཔག་མེད་ཞལ་གཟིགས་ཏེ་ ཚེའི་གྲུབ་ཐོབ་པའི་རྟགས་ སྒྲུག་ཕུག་འོག་ལས་ ཚེ་ཆུ་བཏོན་གནང་མི་སྒྲུབ་ཆུ་དེ་ད་རེས་ནངས་པ་ བྱག་ཕུག་ནང་ལས་འཐོན་ཏེ་ འཐུང་ཆུ་ཀ་ལི་བཟུམ་སྦེ་བཟོ་སྟོ་ཡོད་ས་ལས་བྱིན་རླབས་ཞུ་དོ་ཡོདཔ་ཡིན་པས།
ཨོ་ཨཱ་ཧཱུ་རང་བྱོན། གུ་རུ་འཕུར་བྱོན་སའི་རྡོ་གི་གུ་ སངས་རྒྱས་ཀྱི་སྐུའི་ས་བོན་ཨོཾ་དང་ གསུང་གི་ས་བོན་ཨཱ་ དེ་ལས་ ཐུགས་ཀྱི་ས་བོན་ཧཱུཾ་གསུམ་རྡོ་གུ་ག་ནེ་བ་ཡ་མཚན་ཆེ་ཏོན་ཏོ་འབད་འཇལ་ནི་ཡོདཔ་ད། ཨོཾ་ཨཱ་ཧཱུཾ་ རྡོ་གནགཔ་གུ་ལུ་ ཚོས་གཞི་དཀརཔ་སྦེ་མཇལ་ཚུགས་དོ་ཡོདཔ་ཡིན་པས།
གུ་རུའི་སྒྲུབ་ཕུག་གཡས་ཁ་ཐུག་ལུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་གཡང་མཇལ་ནི་ཡོད་པ་ཨིན།
སྒྲོལ་མ་༢༡གི་གནས་རྡོ། བྱག་ཕུག་གུ་ རྡོ་སྦོམ་ཅིག་ཡོད་མིའི་ནང་ན་ སྒྲོམ་མ་༢༡གི་གནས་རྡོ་མཇལ་ནི་ཡོད།
དེ་ཡང་རིང་ཚད་ཕིཊི་༡ལྷགཔ་ཅིག་འབད་མི་གནས་རྡོ་ལས་ མ་འོངས་པའི་ནང་སྒྲོལ་མ་༢༡འབྱོན་འོང་ཟེར་ཨིན་པས། འབྲུགཔ་དཀར་བརྒྱུད་པའི་བླ་ཆེན་ཚུ་དང་འབྲེལ་གནད་སྦོམ་ཡོདཔ། ད་རུང་སྤྱི་ལོ་༡༢༢༥ལ་ སྒྲུབ་ཕུག་དེ་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་ ཟླཝ་༡གི་རིང ཐུགས་དམ་གནང་བཞུགས་པའི་སྐབས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་གཟིགས་ཏེ་ མཁའ་འགྲོ་སྙིང་ཐིག་གི་གདམས་ངག་གནང་བའི་སྐོར་གནས་ཡིག་ནང་འཁོད་དེ་འདུག།
དུས་རབས་༡༤པའི་ནང་ གཏེར་ཆེན་རྡོ་རྗེ་གླིངཔ་གིས་ ཕུརཔ་དང་གཞན་གཏེར་ལེ་ཤ་ཅིག་བཞེས་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད། ད་རུང་རབས་༩པའི་ནང་ རྒྱལ་བ་རྒོད་ཚང་པའི་བུ་སློབ་རྒྱལ་མཚན་དཔལ་བཟང་བྱོན་ཏེ་ བྱག་ཕུག་གི་གཡོན་ཁ་ཐུག་ལུ་ གདན་ས་བཅགས་ཏེ་ལྷ་ཆུང་ཀུ་ཅིག་བཞེགས་གནང་ནུག་ཟེར་ཨིནམ་ད་ རྒོད་ཚང་པ་དེ་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་བུ་སློང་ཅིག་ཨིན་པས། ཨིན་རུང་བར་སྐབས་ཅིག་ལས་ བླམ་ཤངས་ཀྱི་བརྒྱུད་འཛིན་ཚུ་གིས་བདག་འཛིན་འཐབ་སྟེ་འབའ་རའི་ཆོས་ལུགས་དར་ཞིང་རྒྱས་འབད་རུང་ སྤྱི་ལོ་༡༦༣༤ལ་དཔལ་ལྡན་འབྲུག་པའི་བསྟན་པའི་བདག་པོ་ཞབས་དྲུང་གང་དབང་རྣ་མ་རྒྱལ་མཆོག་གིས་རྩིས་ཞེས་ཏེ་ སྒྲུབ་ཕུག་ནང་ལུ་ཐུགས་དམ་གནང་སྐབས་གུ་རུ་རིན་པོ་ཆེ་གི་ཞལ་དཟིགས་ཏེ་ སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་བཞེངས་ནིའི་ལུང་བསྟན་གནང་ནུག སྤྱི་ལོ་༡༩༥༨ལ་རྒྱལ་ཡུམ་ཞིང་གཤེགས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོལ་གྱིས་གནས་དེ་ཁར་ ཟླྭ༡གི་རིང་ཚེ་སྒྲུབ་གནང་བའི་ཤུལ་ལ་ དགོན་པ་དེ་ རྒྱ་སྐྱེད་གནང་ཡོདཔ་ད། སྤྱི་ལོ་༡༩༦༠ལ་ཞིང་གཤེགས་དམ་པ་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གིས་ཡང་ ཐུགས་དམ་གནང་སྟེ་བཞུགས་པའི་སྐབས་ཞབས་རྗེས།
དགོན་ཚེ་ཕུག་དགོན་པའི་འོད་ལ་ རྡོ་སྦོམ་ཅིག་གུ་ ཨྱོན་གུ་རུ་རིན་གུ་པོ་ཆེའི་ཞབས་རྗེས་དྲུག་ལྷགཔ་ཅིག་མཇལ་ཚུགས་དོ་ཡོདཔ་ད། ཞབས་རྗེས་དེ་ཡང་ ཨྱོན་གུ་རུ་པོན་ཆེ་གིས་ དགོན་ཚེ་ཕུག་ལས་ དགོན་ཚེ་ཆུ་བྲག་ཟེར་མགར་སར་འགྱོ་སའི་ལམ་ཁར་ཡོད་པའི་ གནས་དེ་ནང་ འཕུར་བྱོན་པའི་སྐབས་ མ་འོངས་པའི་ཕྱག་མཆོད་ཀྱི་རྟེན་སྦེ་རྡོ་གུ་ཞབས་རྗེས་གསལ་ཏོག་ཏོ་སྦེ་བཞགས་གནང་ནུག།
དགོན་ཚེ་ཕུག་གི་ནང་རྟེན་རྩ་ཅན་དེ་ཨྱོན་གུ་རུ་རིན་པེ་ཆིའི་གུ་རུ་གསུང་བྱོན་མིའི་སྐུ་འདྲ་ཡོདཔ་བཞིན་དུ་ སྐུ་འདྲ་དེ་སྤྱི་ལོ་༡༦༨༩ལ་སྡེ་སྲིད་༤་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ ཐིམ་ཕུག་རྟ་མགོ་ལུ་ཡོད་པའི་ ཇོ་བོའི་སྐུ་འདྲ་བཞེངས་ནིའི་དོན་ལ་ནེ་པཱལ་ལས་ འཇིམ་བཟོ་མཁས་མཆོག་པཉྩ་དྷེ་ཝ་འབྲུག་ལ་ཞུག་ཏེ་ སྤུངས་ན་ཁ་ཐང་རྫོན་ནང་སྦེ་ ཇོ་བོ་དང་ད་རེས་དགོན་ཚེ་ཕུག་ལ་བཞུགས་ཏེ་ཡོད་པའི་ གུ་རུའི་སྐུ་འདྲ་བཞེངས་ཏེ་ གུ་རུ་དེ་བུམ་ཐང་སྐུ་རྗེས་ལྷ་ཁང་ནང་ལ་ཞུ་ནི་སྦེ་ཞལ་བུམ་ཐང་ཁ་ཐུག་ལ་བཞག་པའི་སྐབས་ དགོད་ཚེ་ཕུག་ཁ་ཐུག་འགོར་བཞུགས་ཏེ་འབད་རུང་ མི་ཚུ་གིས་སྐུ་འདྲའི་ཞལ་ལོག་སྤུ་ན་ཁ་ཐུག་འགོར་བའི་སྐབས་ སྐུ་འདྲ་གིས་ ངེའི་ལུང་བརྟན་དེ་མགོན་ཚེ་ཕུག་ལ་ཡོད་ཟེར་གསུང་བྱོན་པའི་ཤུལ་ལས་ གུ་རུ་གསུང་བྱོན་མ་ཟེར་ཞུ་ཡོད་པ་ཡིན་པས། དེའི་ནང་གཟུངས་ཡང་བླ་ཆེན་དམ་པ་ཚུ་གི་ཕྱག་ལ་ཡོད་པའི་ སྐ་གསུང་ཐུགས་ཀྱི་རིང་བསྲེལ་ཚུ་ཕུལ་ཡོད་ཡིན་པས། རིང་ཚད་ ཕིཊི་༤་དེ་ཅི་འབད་མི་སྐུ་འདྲ་དེ་ རྒྱུ་གསེར་ཟངས་ཀྱིས་བཞེངས་མི་གུ་ལུ་ གསེར་སྒྲོན་ཡོད་པ་ད་སྤྱིར་བཏང་གུ་རུའི་སྐུ་འདྲ་བཟུམ་སྦེ་མིན་པར་ དབུ་ལ་རིགས་ལྔ་བཞེས་ཏེ་ཡོད།
ཨོ་རྒྱན་རིན་པོ་ཆེའི་གཡས་གཡོན་ཚེ་དཔག་མེད་དང་ ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་མཇལ་ནི་ཡོད་པ་ཚད་གཡོན་ལ་ཚེ་ལྷ་རྣམ་གསུམ་བཞུགས་ཏེ་ཡོད་མི་དེ་ སྤྱི་ལོ་༢༠༠༤ལ་རྒྱལ་ཡུམ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ཕུལ་གནང་ནུག་ལགས་བཅས་སོ།།

སྦས་ཡུལ་གླང་བྲག།

bay langdra

མཐོ་བ་བྲག།

ཀུན་བཟང་བྲག།

མཆོད་རྟེན་སྐོར་ར།

Chorten-kora-Festival



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.