གཞི་རིམ་སློབ་གྲྭ་ལྟེ་བ།

བདེ་ཆེན་ཕོ་བྲང་སློབ་གྲྭ།

dechenphodrang

བླ་མ་རྒྱལ་བ་ལྷ་སྣང་པས སྤྱི་ལོ ༡༢༢༤ ལོར་རྡོ་སྔོན་རྫོང་ཞེས་འདིར་ཆགས་བཏབ་གནང་སྟེ་རྒྱལ་བ་ལྷ་སྣང་པའི་བརྒྱུད་འཛིན་རྣམས་ཀྱིས་རིམ་པར་བསྐྱངས་། ཕྱིས་སུ་རབ་བྱུང ༡༡ ལྕགས་སྦྲུལ་སྤྱི་ལོ ༡༦༤༡ ལ་དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་རྩིས་བཞེས་ནས་འབྲུག་བདེ་ཆེན་ཕོ་བྲང་ཟེར་མཚན་གསོལ་གནང་སྟེ། དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་གཞི་བཙུགས་གནང་བས་གཞུང་གྲྭ་ཚང་གི་སློབ་གྲྭ་རྙིང་ཤོས་ཞིག་ཏུ་གྱུར། ཡང་གཞུང་ཞབས་ནས་ཉམས་གསོ་དང་དགེ་འདུན་གྱི་བཞུགས་ཁང་སོགས་རྒྱ་བསྐྱེད་གནང་སྟེ་གཞི་རིམ་ལྟེ་བར་བསྒྱུར་བཅོས་མཛད་དེ། ད་ལྟ་དགེ་འདུན་པ་བཞི་བརྒྱ་ལྷག་པ་ཞིག་གཞི་རིམ་གྱི་སློབ་སྦྱོང་བྱེད་བཞིན་པར་བཞུགས་ཡོད་དོ།།

རྒྱལ་པོའི་ཞིང་སློབ་གྲྭ་ཀུན་ཕན་འོད་ཟེར་ཆོས་གླིང་།

Gyelposhingབུ་ཆོས་གར་ཐིག་དབྱངས་གསུམ་སོགས་གོང་མ་ན་རིམ་བརྒྱུད་པའི་ཕྱག་སྲོལ་རྣམས་མི་ཉམས་ཡུན་དུ་བརྟན་པའི་ཐབས་སུ་གྲྭ་ཚང་བཀོད་ཚོགས་ཀྱི་གྲོས་ཆོད་ལྟར་འབྲུག་གཞུང་གི་རྒྱབ་སྐོར་ཐོག་སྤྱི་ལོ ༢༠༡༡ དབྱིན་ཟླ་དང་པའི་ཚེས ༦ ལ་འགོ་འཛུགས་ཏེ་ཕྱི་ནང་མེད་པར་བཟོ་བཀོད་ཕུན་སུམ་ཚོགས་པ་ཉིད་དུ་བསྒྲུབས་པའི་དགའ་སྟོན་ཡང་སྤྱི་ལོ ༢༠༡༤ དབྱིན་ཟླ ༧ པའི་ཚེས ༡ ལ་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་དགེ་འདུན་འདུས་པ་རྒྱ་མཚོས་རབ་གནས་ཟབ་རྒྱས་གནང་སྟེ་བྱིན་གྱི་བརླབས་པར་མཛད་པའི་མཐར། གཞུང་གྲྭ་ཚང་གི་གཙུག་སློབ་རིན་པོ་ཆེ་ནས་གཞི་རིམ་སློབས་གྲྭ་ལྟེ་བར་སྒོ་འབྱེད་གནང་སྟེ་ཤར་ཕྱོགས་རྗོང་ཁག་དྲུག་གི་བསྟན་འཛིན་གྱི་གཞོན་ནུ་རྣམས་གཞི་རིམ་གྱི་སློབ་སྦྱོང་ལ་བརྩོན་བཞིན་པར་ལགས་སོ།།

ཕོ་ཆུ་ལྡུམ་རྭ་གཞི་་རིམ་སློབ་གྲྭ་ལྟེ་བ།

Phochu-Domra-2སྤྱི་ལོ ༢༠༠༤ ལོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་ཚོགས་སློབ་སྐུ་བགྲེས་ལེགས་བཤད་རྒྱ་མཚོ་ཞབས་ཀྱིས་སྤུངས་རྫོང་དབྱར་བཞུགས་ཀྱི་དགེ་འདུན་པ་ཡོངས་ཀྱི་དོན་དུ་དགོངས་ནས་གཞི་བཙུགས་གནང་། ཕྱིས་སུ་སྤྱི་ལོ ༢༠༡༡ ཟླ་དང་པའི་ཚེས ༦ རྒྱ་གཞུང་གི་རྒྱབ་སྐྱོར་ཐོག་ཉམས་གསོ་དང་རྒྱ་བསྐྱེད་གནང་སྟེ་ཕྱི་ནང་མེད་པར་ལེགས་པར་བསྒྲུབས་རྗེས་སུ་སྤྱི་ལོ ༢༠༡༤ ལ་གྲྭ་ཚང་བཀོད་ཚོགས་ཀྱི་གྲོས་ཆོད་ལྟར་གཞི་རིམ་ལྟེ་བར་སྒོ་འབྱེད་གནང་སྟེ་ཀུན་རྫོབ་བརྡའི་སྒོ་ནས་ཆོ་གའི་ལག་ལེན་རྣམས་སློབ་སྦྱོང་བྱེད་བཞིན་པར་ལགས་སོ།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.