གཞུང་གྲྭ་ཚང་གི་སློབ་དཔོན་ལྷན་རྒྱས་ལྔ་ནི།

སྐྱབས་མགོན་དམ་པ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གྲྭ་ཚང་ལྷན་ཚོགས་ཀྱི་གྲོས་འདེབས་ཐོག་ འབྲུག་ལུགས་ཀྱི་བསླབ་སྡོམ་དང་ལྡན་ཞིང་དམ་པའི་ངང་ཚུལ་དགུ་ལྡན་ བསྐྱེད་རྫོགས་ལ་མཁས་པ་ཞིག་རྒྱལ་བ་རིགས་ལྔའི་རྣམ་སྤྲུལ་གཞུང་གྲྭ་ཚང་གི་སློབ་ལྷན་རྒྱས་ལྔ་སྦེ་འདེམས་བསྐོས་གནང་ཡོད་པའི་གྲལ་ལས།

༡༽ སྐྱབས་རྗེ་རྡོ་རྗེ་སློབ་དཔོན་རིན་པོ་ཆེ་ནི། ནང་གི་ཚོགས་གཙོ་གསང་ཆེན་རིམ་གཉིས་རྣལ་འབྱོར་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་འབྲེལ་བའི་བྱ་བར་       དབང་འཛིན་བྱེད་པའི་མངའ་བདག་སྦེ་བཞུགས་ཡོད།
༢༽ ཡོན་ཏན་སློབ་དཔོན། གསང་སྔགས་ཀུན་རྫོབ་བརྡའི་ཆོ་ག་འི་ལག་ལེན་ཤེས་ཡོན་རྣམ་གཞག་དང་འབྲེལ་བའི་བྱ་བར་དབང་འཛིན་བྱེད་པའི་བདག་པོ་སྦེ་       བཞུགས་ཡོད།
༣༽ གཙུག་ལག་སློབ་དཔོན་ནི། གཞུང་ལུགས་རིག་གནས་དང་བཅས་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་བའི་བྱ་བར་དབང་འཛིན་བྱེད་པའི་རི་       བདག་སྦེ་བཞུགས་ཡོད།
༤༽ ཚོགས་ཀྱི་སློབ་དཔོན་ནི། གཞན་དོན་ཤི་གསོན་དགེ་རྩ་རིམ་འགྲོ་བསྐྱེད་ཆོག་ཚོགས་ཀྱི་དབུ་བཞུགས་དེ་དང་འབྲེལ་བའི་བྱ་བར་དབང་འཛིན་བྱེད་པའི་ཁྱབ་      བདག་སྦེ་བཞུགས་ཡོད།
༥༽ ལས་ཚོགས་སློབ་དཔོན་ནི། དགེ་འདུན་གྱི་བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་བྱ་སྒོའི་རིམ་པ་ལ་དབང་འཛིན་བྱེད་པའི་སྤྱི་དཔལ་སྦེ་བཞུགས་ཡོད།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.