གྲྭ་ཚང་བཀོད་ཚོགས།

༉ གྲྭ་ཚང་བཀོད་ཚོགས་ནི། གྲྭ་ཚང་ལྷན་ཚོགས་སུ་རྒྱབ་སྐྱོར་འབུལ་རྒྱུ་དང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འཆར་དངུལ་དང་མི་སྟོབས་དགོས་མཁོའི་འགོ་འདྲེན་བདག་སྐྱོང་དང་སྤྱི་ཕན་ཐག་གཅོད་ཀྱི་མཛད་སྒོའི་རིགས་བསྒྲུབ་རྒྱུ་དང་། བསྟན་འགྲོར་བཤད་སྒྲུབ་ལས་གསུམ་གྱི་བཀོད་པ་མི་འདྲ་བ་རྣམས་ཚོགས་པ་འདིས་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལམ་སྒྲུབ་ནུས་པའི་འགན་འཁྲི་ཡོདཔ་མ་ཟད། སློབ་ལྷན་རྒྱས་གཅིག་གིས་ཁྲི་འཛིན་མཛད་པའི་འཐུས་མི་བཅུ་གཅིག་གི་ཚོགས་པ་ཞིག་ཡིན། འཐུས་མི་བཅུ་གཅིག་པོ་ནི།

༡༽ ལས་ཚོགས་སློབ་དཔོན་རིན་པོ་ཆེ་ ཁྲི་འཛིན།
༢༽ རབ་སྡེའི་བླ་མ་གནས་བརྟན་གསུམ།
༣༽ བཤད་གྲྭའི་དབུ་འཛིན་གསུམ།
༤༽ གཞི་རིམ་བསླབ་གྲྭ་ལྟེ་བའི་དབུ་འཛིན་གཅིག
༥༽ རབ་སྡེའི་དྲུང་ཆེན་གཅིག
༦༽ སྐྱབས་མགོན་རྗེ་མཁན་རིན་པོ་ཆེའི་དྲུང་ཆེན།
༧༽ གཞུང་གྲྭ་ཚང་གི་ཡོངས་ཁྱབ་དྲུང་ཆེན།

དོན་གྱི་སྙིང་པོ་མཁའ་མཉམ་འགྲོ་བ་མ་ལུས་པ་དང་ཁྱད་པར་འབྲུག་ཡུལ་འདི་ནང་བདེ་སྐྱིད་ཞི་བདེའི་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་འབྲུག་པའི་བསྟན་པ་དེ་ལགས་པས། དེ་གོང་དུ་སྤེལ་བ་ལ་དེ་འཛིན་གྱི་སྐྱེས་བུ་སློབ་བརྒྱུད་དང་བཅས་པ་ཐམས་ཅད་ལས་འོས་མེད། དེས་ན་དེ་རྣམས་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་མི་ཉམས་ཡུན་དུ་གནས་པའི་ཆེད་དུ་དུས་ཀྱི་འགྱུར་ལྡོག་དང་བསྟུན་གྲྭ་ཚང་ཆོས་སྡེའི་ལམ་སྲོལ་རྣམས་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པའི་རྒྱབ་རྟེན་དུ་ལུགས་མཐུན་དགེ་འདུན་འདུས་དམང་གི་ཞབས་ནས་གྲྭ་ཚང་ལས་གཡོག་བཀོད་ཚོགས་དེ་གཞི་བཙུག་མཛད་གནང་བའོ།།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.