དཔལ་འབྲུག་པའི་བསྟན་སྲིད་ཀྱི་སྐུ་རིམ་རྒྱ་ནག་སྤྱི་མདོས།

དཔལ་འབྲུག་པའི་བསྟན་སྲིད་ཀྱི་སྐུ་རིམ་རྒྱ་ནག་སྤྱི་མདོས།

IMG_20180406_224215རྒྱལ་ས་ལྟེ་བ་ཐིམ་ཕུ་སྤང་རི་ཟམ་གདོང་ ནང་པའི་རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ ལོ་བསྟར་ཉིན་གྲངས་དགུའི་རིང་གནང་སྲོལ་ཡོད་པའི་ རྒྱལ་ཁབ་ཀྱི་བསྟན་སྲིད་ཀྱི་སྐུ་རིམ་ རྒྱ་ནག་སྤྱི་མདོས་དེ་ ད་རིས་ལས་ འགོ་བཙུགས་ནུག།

སྐུ་རིམ་དེ་ཡང་དབྱངས་སློབ་བགྲེསཔ་ སངས་རྒྱས་རྡོ་རྗེ་མཆོག་ དབུ་བཞུགས་ཐོག་དགེ་འདུན་པ་ཉིས་བརྒྱ་ དེ་ཅིག་གིས་ གནང་དོ་ཡོདཔ་ཨིན།IMG_20180406_223803

རྒྱ་ནག་སྤྱི་མདོས་དེ་ བརྒྱུད་སྡེའི་ཁོངས་སུ་གཏོགཔ་མ་ཚེ་ རྩིས་ཀྱི་ལུགས་ལས་ དཀར་རྩིས་དང་ ནག་རྩིས་ དེ་ལས་ དབྱངས་འཆར་ཟེར་གསུམ་ཡོད་ས་ལས་ ནག་རྩིས་ཀྱི་གྲངས་སུ་ ཨིནམ་དང་།

རྒྱ་ནག་ཟེར་མི་དེ་ཡང་ དང་པོ་རྒྱ་ནག་གི་ཡུལ་ནས་དར་ཞིང་ མཁན་ཆེན་གདུགས་ཁར་ནག་པོ་ལས་བརྒྱུད་དེ་ བྱུང་མི་ལུ་བརྟེན་ཨིནམ་བཞིན། སྤྱི་མདོས་ཟེར་མི་དེ་ཡང་ བཙན་མདོས་དང་ མ་མོའི་མདོས་ ཀླུ་མདོས་ རྒྱལ་མདོས་ལ་སོགས་པའི་ མདོས་ག་ར་ རྒྱ་ནག་སྤྱི་མདོས་ནང་ ཚང་མི་ལུ་བརྟེན་རྒྱ་ནག་སྤྱི་མདོས་ཟེར་ གྲགས་ཡོདཔ་ཨིན།

དེ་བཟུམ་སྦེ་ཧེ་མ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྒྱ་ནག་གི་ཡུལ་དུ་གསུངས་ཡོདཔ་ལས་བརྟེན། ཡུལ་དེར་འབྱུང་བཞིའི་གནོད་པ་དང་། གཟའ་དང་སྐར་མ་ ས་བདག་ཀླུ་ངན་འཁྲུགས་པའི་གནོད་པ་སོགས་ཟློག་ཏེ་ རྒྱལ་ཁབ་བདེ་བར་བཀོད་པའི་ནུས་པ་དང་ བྱིན་རླབས་ལྡན་པའི་ལོ་རྒྱུས་ལེ་ཤ་ཡོད།

འབྲུག་རྒྱལ་ཁབ་ན་ཡང་ སྔོན་བྱོན་གོངམ་ཚུ་གི་ཕྱག་སྲོལ་བཞིན་ བར་སྐབས་ཅིག་ལས་ སྤང་རི་ཟམ་གདོང་རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་དང་།

དེ་ཡང་དམིགས་ཡུལ་གཙོ་བོ་ སྤྱིར་འཛམ་གླིང་ནང་ ཞི་བདེ་བྱུང་ནི་དང་། སྒོས་སུ་དཔལ་འབྲུག་པའི་བསྟན་སྲིད་ལ་གནོད་པའི་ འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ག་ར་ཞི་ནས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ མི་ཉམས་གོང་དུ་འཕེལ་ཚུགས་ནི་དང་།IMG_20180406_224022

ཡང་སྒོས་སྤྱི་ནོར་དམ་པ་མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་བཙུན་མོ་དང་བཅས་པ། དེ་བཟུམ་སྦེ་ ཆོས་ཀྱི་དབུ་ཁྲིད་དམ་པ་སྐྱབས་རྗེ་མཁན་ཆེན་མཆོག་གི་གཙོས་པའི་ སྐྱེས་ཆེན་དམ་པ་ཚུ་སྐུ་ཚེ་ཞབས་པད་བརྟེན་ཅིང་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་ཚུགས་པའི་དོན་ལུ་ དམིགས་ཡོདཔ་བཞིན།

IMG_20180406_223417

ཆོས་ཕྱོགས་ཀྱི་ལས་རིམ་འདི་ན་ ག་གིས་ར་བཅའ་མ་གཏོགས་པ་བྱོན་ཚུགས་རུ་ ཚེ་འདིའི་

རྐྱེན་སེལ་ནི་དང་ ཕྱི་མའི་དོན་སྒྲུབ་ནི་ལུ་ ཕན་ ཐོགས་རྒྱ་ཆེ་དྲག་སྦེ་ཡོད་ཨིན་པས།

Comments
Updated: April 7, 2018 — 8:23 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.