མཐོ་རིམ་གོང་མ།

tango

སྔོན་ནས་བྲག་རི་རྟ་མགྲིན་རང་བྱོན་ཀྱི་ཞིང་ཁམས་སུ་གྲུབ་འདུག་པ་མ་ཟད འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ལུང་བསྟན་བཞིན་ཕ་ཇོ་འབྲུག་སྒོམ་ཞིག་པོ་ཆིབས་ཁ་ལྷོར་བསྒྱུར་ཏེ་ཡུལ་གྲུ་མཐའ་དག་ཞབས་ཀྱིས་བཅགས་ཤིང་། ལྷག་པར་སྤྱི་ལོ ༡༡༨༤ རབ་བྱུང ༣ པའི་ཤིང་ཕོ་འབྲུག་ལོར་གདན་ས་དེར་སྒྲུབ་པའི་ཆོས་སྡེ་ཆེན་མོ་ཕྱག་བཏབ་སྟེ་ལྗོངས་འདིར་དཔལ་ལྡན་འབྲུག་པའི་རིང་ལུགས་གསར་དུ་སྲོལ་གཏོད་པར་མཛད། དེ་ནས་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་བཟོ་བཀོད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་ཟུར་བཅུ་གཉིས་མ་རྟེན་དང་བརྟེན་པར་བཅས་ཟླ་ངོ་གཉིས་ཀྱི་རིང་ལེགས་པར་བཞེངས་ཏེ་དོན་རྒྱུད་བསྟན་པའི་པད་ཚལ་ཡོངས་སུ་བཞེད་པར་མཛད་པའི་བཀའ་དྲིན་ཐོབ། ཕྱིས་སྤྱི་ལོ ༡༩༨༨ རབ་བྱུང ༡༧ ས་ཕོ་འབྲུག་ལོ་ཟླ ༡ པའི་ཚེས་བདུན་གྱི་ཉིན་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་རྗེ་མཁན་ཁྲི་རབས ༦༨ བསྟན་འཛིན་དོན་གྲུབ་རྣམ་གཉིས་བཀའ་བགྲོས་ཐོག་མཁས་དབང་ལེགས་བཤད་རྒྱ་མཚོ་མཆོག་དབུ་འཛིན་དུ་བསྐོས་ཏེ་ནང་པའི་མཐོ་རིམ་སློབ་གྲྭ་ཆེན་མོ་སྒོ་འབྱེད་གནང་། རྒྱལ་སྤྱིའི་ལམ་སྲོལ་དང་མཐུན་པར་འཛིན་རིམ་གོང་འོག་སོསོའི་མིང་དོན་དང་ལོ་བསྟར་ཆོས་ཚན་ཁག་ལ་རྒྱུགས་སྤྲོད་དང་གྲུབ་འབྲས་ཕྱག་ཁྱེར་ཐོབ་ལམ་སོགས་འབྲུག་པའི་ཆོས་སྡེ་སྤྱིའི་ཁྲིམས་དང་ཡང་མ་འགལ་བར་མཛད་དེ་ལོ་བསྟར་བཞིན་བློ་གསལ་དགེ་འདུན་པ ༣༥༠ ལྷག་ཙམ་གྱིས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་གནས་བསྣུན་མཛད་བཞིན་པ་ལགས་སོ།། 



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.