འབྲེལ་མཐུན་ཡོད་པའི་གྲྭ་ཚང་།

ཉི་མ་ལུང་གྲྭ་ཚང་།

Nimalung

སྙིགས་དུས་འགྲོ་བའི་སྐྱབས་མགོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཞབས་ཀྱིས་བཅགས་བྱིན་གྱིས་རླབས་པར་མཛད་པའི་གནས་མཆོག་ཉི་མ་ལུང་འདི་ཉིད་སྤྱི་ལོ ༡༩༣༥ རབ་བྱུང ༡༦ པའི་ནང་རྡོ་རིང་མཁན་སྤྲུལ་རིན་པོ་ཆེ་ཞབས་ཀྱིས་གདན་ས་བཏབ་སྟེ་དགེ་འདུན་གྱི་སྡེ་གསར་དུ་བཙུགས་གནང། ཡིན་ཀྱང་ཆོས་རྣམས་ཐམས་ཅད་མི་རྟག་པའི་དབང་གིས་བླ་མ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པའི་རྗེས་སུ་གཞུང་གྲྭ་ཚང་གིས་རྒྱུན་སྐྱོང་གནང་སྟེ་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོའི་སྒོ་ནས་བསྟན་པའི་ཞབས་འདེགས་བླ་ན་མེད་པ་ཞིག་ཏུ་གྱུར་པ་ཀུན་གྱི་མཐོང་སྣང་གསོལ།

སྲས་མཁར་གྲྭ་ཚང་།

Sekharདཀར་བརྒྱུད་ཀུན་གྱི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པས་བཞེངས་གནང་བའི་སྲས་མཁར་བཅུ་ཐོག་དང་འདྲ་བ་ཞིག་དད་ལྡན་སྦྱིན་པའི་བདག་པོ་སྡེ་ཚན་ཞིག་གིས་སྤྱི་ལོ ༡༩༦༩ ལོར་ཆོས་ནོར་སྨན་གྱིས་གང་བའི་སྦས་གནས་བུམ་ཐང་འཇམ་དཔལ་ལྷ་ཁང་གི་ཉེ་བའི་དྲུང་དུ་བཞེངས་ཏེ་དགེ་འདུན་གྱི་སྡེ་གསར་དུ་བཙུགས། ཕྱིས་སུ་གྲྭ་ཚང་ལྷན་ཚོགས་ཀྱི་མངའ་འོག་ཏུ་ཚུད་དེ་ཆོས་དང་འཚོ་བ་གཉིས་ཀ་གཞུང་གྲྭ་ཚང་ནས་ཞུས་ཏེ་བསྟན་པའི་ཞབས་ཏོག་བསྒྲུབ་པའི་ཡན་ལག་གྲྭ་ཚང་ཞིག་ཡིན།

གཏམ་ཞིང་ལྷོ་བྲག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གྲྭ་ཚང་།

ལྷ་ལུང་ཐུགས་སྲས་སྐུ་ཕྲེང་བཅུ་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་སྤྱི་ལོ ༡༩༥༩ ལོར་པད་གླིང་བརྒྱུད་པའི་གདན་ས་བུམ་ཐང་གཏམ་ཞིང་དུ་འབྱོན་ནས་ལེགས་ཚུལ་རྣམས་ཞལ་བཞེས་གནང་ཞིང་བཞུགས། སྤྱི་ལོ ༡༩༦༥ ལོར་པད་གླིང་ཟབ་ཆོས་རིང་ལུགས་འཛིན་པའི་སྡེ་གསར་འཛུག་ཐོག ཕྱིས་སུ་འབྲུག་རྒྱལ་བཞི་པའི་ཞབས་ནས་འདུས་ཚོགས་ལ་འཚོ་བའི་མཐུན་རྐྱེན་སོགས་བསྩལ་བའི་བཀའ་དྲིན་ལ་བརྟེན་ཏེ་དགེ་འདུན་ཞལ་གྲངས་བརྒྱ་ལྷག་པ་ཙམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཞབས་འདེགས་ཞུ་བཞིན་པ་ཡོད།

ཐར་པ་གླིང་གྲྭ་ཚང་།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཞབས་ཀྱིས་སྤྱི་ལོ ༡༣༥༡ ལོར་གདན་ས་བཏབ་སྟེ་དགེ་འདུན་གྱི་སྡེ་བཙུགས་པར་སྣང་ཡང་ཉམས་སུ་ཤོར་བའི་སྟབས་ཀྱི་ཐམས་ཅད་རྩ་ཕུང་ཚང་ཚིང་དུ་འདུག་པས། ཕྱིས་སུ་འབྲུག་རྒྱལ་དང་པ་གོང་ས་ཨོ་རྒྱན་དབང་ཕྱུག་ཞབས་ཀྱིས་ཉམས་གསོ་ཞུས་ཏེ་བསྒྲུབས་པའི་དགའ་སྟོན་དང་འབྲེལ་སྤྱི་ལོ ༡༩༡༤ ལོར་ཆོས་སྡེ་གསར་བཙུགས་གནང་སྟེ་གཞུང་གྲྭ་ཚང་གི་རྒྱུན་སྐྱོང་གི་ཐོག་མི་སྡེ་ཞབས་ཏོག་བསྒྲུབ་པའི་ཡན་ལག་གྲྭ་ཚང་ཞིག་ཡིན།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.