རྒྱལ་ཡོངས་ནང་པའི་རིག་གཞུང་དང་རྩོམ་རིགས་ཞལ་འཛོམས་ཐེངས་དང་པོ།

IMG_20171023_150749

དེ་ཡང་དཔལ་ལྡན་འབྲུག་པའི་ཆོས་སྡེའི་མངའ་འོག་རྟ་མགོ་རྡོར་གདན་ནང་དོན་རིག་པའི་གཙུག་ལག་སློབ་གྲྭ་དང་། སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག སྤྱི་ཟླ་༢༡/༡༠/༢༠༡༧ ནས་འགོ་བཟུང་ཉིན་གྲངས་གཉིས་ཀྱི་རིང་། བརྗོད་གཞི་ནང་པའི་ཆོས་དང་འབྲུག་གི་ལམ་སྲོལ་ལ་མཁས་པའི་ཞལ་འཛོམས་ཐེངས་དང་པོ་གོ་སྒྲིག་བྱས་ཏེ་མཇུག་ལེགས་པར་བསྐྱངས་ཡོད། ཉིན་དང་པོ་འགོ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ལ་འབྲུག་གཞུང་གྲྭ་ཚང་ལྟེ་བའི་གཙུག་ལག་སློབ་དཔོན་རིན་པོ་ཆེ་མཆོག་གིས་དབུ་བཞུགས་མཛད་དེ་ཞལ་འཛོམས་ཆེད་བཅར་བ་རྣམས་ལ་། ཆོས་དང་རིག་གཞུང་ལམ་སྲོལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐད་བཀའ་སློབ་ལམ་སྟོན་གསེར་གྱི་ཐིགས་པ་ལས་ལྷག་པར་གནང་ཡོད་པ་དང།IMG_20171022_164245

དེ་བཞིན་ཉིན་གཉིས་པའི་སྐབས་ལས་ཚོགས་སློབ་དཔོན་རིན་པོ་ཆེ་མཆོག་གིས་མཁས་པའི་ཞལ་འཛོམ་དབུ་བཞུགས་མཛད་དེ་བླང་དོར་བཀའ་སློབ་བཀའ་དྲིན་དགའ་ཚོར་གྱིས་མཐའ་རྒྱན་ནས་གནང་ཡོད། ཉིན་གཉིས་ཀྱི་རིང་རིག་གཞུང་དང་ལམ་སྲོལ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་མཁན་པོ་དང་མཐོ་རིམ་སློབ་དཔོན་ཚོས་དབུ་གཙོས་གསལ་བཤད་པ་ཚོ་རེ་རེ་བཞིན་དུས་ཡུན་ཆུ་ཚོད་གཅིག་ལྷག་གི་རིང་། སྐབས་སུ་བབས་པའི་བརྗོད་གཞིའི་ཐོག་ཟབ་ཤིང་རྒྱས་པའི་གསུང་རྩོམ་དང་བཅས་པའི་གསུང་བཤད་གནང་ཡོད་པར་མ་ཟད། ཞལ་འཛོམས་དུ་བྱོན་པའི་སློབ་ཕྲུག་དང་ཟུར་ཉན་པ་རྣམས་ཀྱིས་ཀྱང་རྣམ་དཔྱོད་ལྡན་པའི་དྲི་བ་སྣ་ཚོགས་བཀོད་ནས་རྩོད་བསྡུར་ཧ་ལས་པ་དང་ཡིད་ཆེས་དགོས་པའི་གནས་སུ་གྱུར་ཡོད།

IMG_20171022_164156མཇུག་འགོ་འདྲེན་པས་ཞལ་འཛོམས་པ་རྣམས་དང་འབྲེལ་ཡོད་ཁག་ལ་བཀའ་དྲིན་དགའ་ཚོར་དང་བཅས་ མཁས་པའི་ཞལ་འཛོམས་དེ་འདྲ་རྗེས་སུའང་ཉུང་མཐའ་ལོ་རེ་ཐེངས་རེ་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པས། མཁས་དབང་ཡོངས་ནས་རྒྱབ་སྐྱོར་གནང་བའི་རེ་བ་དང་གསོལ་འདེབས་ཞུས་ཡོད།

Comments
Updated: November 20, 2017 — 9:56 am


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.