སྐྱབས་མགོན་རྗེ་མཁན་རིན་པོ་ཆེ་མཆོག

དཔལ་ལྡན་འབྲུག་པའི་སྲོལ་རྒྱུན་ཆོས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོ་དང་གྲྭ་ཚང་ཆོས་སྡེ་ཡོངས་ཀྱི་རིགས་བདག་དང་དབུ་ཁྲིད་སྐྱབས་མགོན་དམ་པ་རྗེ་མཁན་རིན་པོ་ཆེ་མཆོག འབྲུག་གི་རྩ་ཁྲིམས་ཆེན་པོའི་རྩ་ཚན་༣ པའི་དགོངས་དོན་ལྟར། འབྲུག་ལུགས་ཀྱི་སྡོམ་རྒྱུན་དང་ལྡན་ཞིང་དམ་པའི་ངང་ཚུལ་དགུ་ལྡན་བསྐྱེད་རྫོགས་ལ་མཁས་ཤིང་གྲུབ་པ་སྦྱངས་པ་ཅན་འབྲུག་མི་ཡོངས་ཀྱིས་གུས་པས་བཀུར་བའི་སྐྱེས་མཆོག་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དུ་རྡོ་རྗེ་འཆང་གི་གསེར་ཁྲིར་མངའ་གསོལ་མཛད་གྲུབ་པ་དང་། ད་ལྟ་གསེར་ཁྲིར་འཚོ་བཞེས་བཞུགས་པ་སྐྱབས་མགོན་རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག་ཁྲི་རབ ༧༠ པ་ཡིན།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.