སྤུ་ན་སྒྲོམ་མཆོད།

punakha-festival

༉ དེ་ཡང་སྤྱི་ཚེས ༠༢/༠༣/༢༠༡༧ ནས་སྤྱི་ཚེས༠༩/༠༣/༢༠༡༧/ ཚུན་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྒྲོམ་མཆོད་ཉིན་་ལྔ་དང་ཚེས་བཅུ་ཉིན་གསུམ་ཏེ་ཉིན་གྲངས་བརྒྱད་ཀྱི་རིང་ལུ་སྡེ་བརྒྱད་མགོན་པོ་རྣམས་དང་། སྒོ་མཚམས་ལྷ་མོ་བརྒྱད། ལས་མགོན་སྡེ་བཞི་ལ་སོགས་པ་རྣམས་ཀྱི་སྐུ་འཆམས་བྱིན་རླབས་ཅན་རྣམས་དང་། ལྷག་པར་དྲིན་ཅན་གྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་མཛད་རྣམ་དང་།མགོན་པོ་ལྷ་མང་གི་དཀྱིལ་འཁོར་རྡུལ་ཚོན་བསྡུས་ཏེ་མཚོའི་ནང་དུ་རྡུལ་ཚོན་ཀླུའི་རྒྱལ་པོ་ལུ་འབུལ་བའི་ཚུལ་དུ་སྐྱབས་རྗེ་རིན ་པོ་ཆེ་གིས་དབུ་གཙོས་པའི་དགེ་འདུན་པ་རྣམས་ཀྱིས་གསེར་སྦྲེང་དང་བཅས་ནོར་བུ་ཆུར་བཤགས་པའི་ཚུལ་སོགས་བྱིན་རླབས་དང་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ཁ་གནང་བ་དོ་ཡོད་པའི་གནས་ཚུལ།

Comments
Updated: March 4, 2017 — 12:33 pm


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.