སློབ་སྦྱོང་སྤེལ་ཁང་།

སྒོམ་ཕུག་སྐོར་ར་ཡན་ལག་རྩིས་གཞུང་སློབ་གྲྭ།

Gomphu-Kora-Tshechuཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དུས་རབས ༨ པའི་མཚམས་སུ་ཞབས་ཀྱི་བཅགས་ཏེ་སྦས་གནས་ཁྱད་པར་ཅན་དུ་བྱིན་གྱིས་རླབས་པར་མཛད་པའི་མཐར་གཞུང་གྲྭ་ཚང་གི་རྒྱུན་སྐྱོང་གནང་སྟེ་སློབ་གྲྭ་ཞིག་འཛུགས་ཡོད་ཀྱང་། ཕྱིས་སྤྱི་ལོ ༢༠༡༡ ལ་སྐྱབས་མགོན་དམ་པ་རྗེ་མཁན་རིན་པོ་ཆེའི་ཞབས་ནས་རྩིས་གཞུང་གི་སློབ་གྲྭར་སྒོ་འབྱེད་གནང་སྟེ་ཤར་ཕྱོགས་རྫོང་ཁག་དྲུག་གི་བསྟན་འཛིན་གྱི་གཞོན་ནུ་རྣམས་རྩིས་ཀྱི་སློབ་སྦྱོང་ལ་རོལ་བཞིན་པར་ལགས་སོ།།

སེམས་དོན་རིག་པའི་སྤེལ་ཁང་།

བཀྲ་ཤིས་ཆོས་གླིང་བཟོ་རིག་སྤེལ་ཁང་།

Tashi Choling Zorig Pelkhangཐུབ་པའི་རྒྱལ་ཚབ་སྤོ་ལོ་མཁན་རིན་པོ་ཆེ་ནས་དེར་ལྷ་ཁང་ཞིག་བཞེངས་ཐུབ་ན་འབྲུག་རྒྱལ་ཁབ་ཀྱི་ཞི་བདེ་སྔར་ལས་ལྷག་པ་འབྱུང་བའི་ལུང་བསྟན་དང་བསྟུན། གནས་བརྟན་སྐུ་བགྲེས་བླ་མ་ག་ན་པ་ཏི་ཞབས་ཀྱིས་འགོ་འདྲེན་མཛད་དེ་སྤྱི་ལོ ༢༠༠༦ ཙམ་ལ་སྐྱབས་མགོན་རྗེ་མཁན་རིན་པོ་ཆེ་ཁྲི་རབས་བདུན་ཅུ་པའི་ཞབས་ཀྱིས་བཀའ་སློབ་དང་མ་དངུལ་གྱི་རྒྱབ་སྐྱོར་གང་དྲག་མཛད་པའི་རྐྱེན་ལ་བརྟེན་ནས་ལེགས་པར་བསྒྲུབས་པའི་དགའ་སྟོན་ཡང་རྗེ་རང་ཉིད་ཀྱི་མཛད། ཕྱིས་སུ་སྤྱི་ལོ ༢༠༠༩ ལ་མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་ལྔ་པའི་ཞབས་ནས་བཟོ་རིག་གི་སློབ་སྦྱོང་བྱེད་སའི་ལྟེ་བ་གཞི་བཙུགས་གནང་སྟེ་གཞུང་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ཕྱི་བཟོ་རིག་པའི་གནས་ལ་མཁས་པར་སྦྱང་བའི་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད།



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.