དེབ་སྟོན།

དེ་ཡང་སྤྱི་ཚེས་༡༦/༦/༢༠༡༨ ལ། རྟ་མགོ་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭས་འགོ་འདྲེན་ཐོག །རྒྱལ་ས་ལྟེ་བ་ཐིམ་ཕུ་རྡོ་རྗེ་ཨེ་ལེ་མེན་ཏྲི་མགྲོན་ཁང་གི་ཚོགས་ཁང་ན། གཞུང་གྲྭ་ཚང་ལྟེ་བའི་ལས་ཚོགས་སློབ་དཔོན་དང་གྲྭ་ཚང་ལྷན་ཚོགས་ཀྱི་དྲགོས་དྲུང་ཆེན་རྣམ་གཉིས་ཀྱི་དབུ་གཙོས་པའི་བཤད་གྲྭ་ཁག་གི་མཁན་པོ་དང་སྡེ་ཚན་ཁག་གི་འགོ་ཁྲིད། དེ་བཞིན་རྩོམ་པ་པོ་དང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་བཅས་གང་འཚམ་བསྡུས་པའི་ཚོགས་སུ། དེ་ཁའི་ཞིབ་འཚོལ་སྡེ་ཚན་ནས་ཞུ་དག་མཐིལ་ཕྱིན་བྱས་ཤིང་གྲྭ་ཚང་ལྷན་ཚོགས་ནས་མ་དངུལ་རྒྱབ་སྐྱོར་ཕངས་མེད་དུ་གནང་བའི་དཔེ་དེབ་ཁག་པར་སྐྲུན་ལེགས་པར་གྲུབ་པའི་དེབ་སྟོན་མཚན་ཚོགས་ཤིག་འཚོགས་ཡོད།

དེ་དུས་ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོས་མཛད་པའི་ཚད་འགྲེལ་སྤྱི་དོན་རིགས་པའི་སྙིང་པོ། ཆོས་རྗེ་ངག་དབང་ལྷུན་གྲུབ་ཀྱིས་མཛད་པའི་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་ཆེན་མོ། མཁན་པོ་ཉི་མ་ཤར་གྱི་བརྩམས་ཆོས་དཔལ་འབྲུག་ངོ་སྤྲོད་སོགས་དང་། ལེགས་བཤད་པ་མཁན་པོ་དཀར་ཅུང་གི་གསར་རྩོམ་གསེར་གྱི་ལྡེ་མིག་དང་ཟླ་བའི་འོད་སོགས་དཔེ་དེབ་ཁག་དང་ལྷན་དུ།

ན་ལནྡ་བཤད་གྲྭ་ནས་ཞུ་བསྒྲིགས་བྱས་པའི་རྒྱལ་བ་ཤཱཀྱ་རིན་ཆེན་རྣམ་ཐར་དང་། ཀུན་མཁྱེན་འབྲུག་པའི་ཆོས་རའི་དུས་དེབ་གསུམ་པ་ཡང་བཀྲ་ཤིས་པའི་ཚིག་དང་བསྟན་པ་རྒྱས་པའི་སྨོན་ལམ་བཅས་སྒོ་འབྱེད་རྟེན་འབྲེལ་མཛད་ཡོད་པའི་རྣམ་པ་སྤྱན་དབང་བཟང་པོའི་དྲུང་དུ་ཕུལ་ཡོད་པས་ཐུགས་དགྱེས་པའི་རྒྱུར་འགྱུར་བར་ཤོག །

གོང་ཞུས་དཔེ་དེབ་ཁག་གི་ནང་ནས་ཀུན་མཁྱེན་འབྲུག་པའི་ཆོས་རའི་དུས་དེབ་གསུམ་པ་ནི་ཆོ་རའི་འགོ་འདྲེན་པས་ལོ་ལྟར་བཞིན་འབྲེལ་ཡོད་སློབ་གཉེར་གྱི་བསྟི་གནས་རྣམས་སུ་ཆོས་སྦྱིན་དུ་འབུལ་བར་བཅར་རྒྱུ་མ་ཟད་བརྒྱུད་ལམ་ཐོག་ནས་ཀྱང་སྤེལ་འཆར་ཡོད།

Comments
Updated: June 17, 2018 — 5:35 pm


TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.