དབྱར་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

IMG_7356

དེ་ཡང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་འདུལ་བ་ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ།། དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་ངོ་།།

རྒྱལ་ཡོངས་ནང་པའི་རིག་གཞུང་དང་རྩོམ་རིགས་ཞལ་འཛོམས་ཐེངས་དང་པོ།

IMG_20171023_150749

དེ་ཡང་དཔལ་ལྡན་འབྲུག་པའི་ཆོས་སྡེའི་མངའ་འོག་རྟ་མགོ་རྡོར་གདན་ནང་དོན་རིག་པའི་གཙུག་ལག་སློབ་གྲྭ་དང་། སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག སྤྱི་ཟླ་༢༡/༡༠/༢༠༡༧ ནས་འགོ་བཟུང་ཉིན་གྲངས་གཉིས་ཀྱི་རིང་། བརྗོད་གཞི་ནང་པའི་ཆོས་དང་འབྲུག་གི་ལམ་སྲོལ་ལ་མཁས་པའི་ཞལ་འཛོམས་ཐེངས་དང་པོ་གོ་སྒྲིག་བྱས་ཏེ་མཇུག་ལེགས་པར་བསྐྱངས་ཡོད།

རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ཐེངས་བཞི་པ།

IMG_2987

སྤྱི་ལོ་༢༠༡༧ སྤྱི་ཟླ་༨ པ་ སྤྱི་ཚེས་༢ ལུ་ དད་ཅན་སྦྱིན་བདག་གཙོ་བོ་ སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བ། རྒྱལ་བ་མདོ་ཁམས་པ།(ཁམས་སྤྲུལ) པད་ཚལ་གླིང་སྤྲུལ་སྐུ། བླམ་ཚེ་རིང་དབང་འདུས། རབ་སྡེ། མཁན་པོ་དགའ་རབ་རྡོ་རྗེ། མཁན་པོ་ཀརྨ་འཇིགས་མེད། བླམ་ཀུན་དགའ་རྒྱལ་མཚན། བླམ་སྐལ་བཟང་ཚུལ་ཁྲིམས། སྤྲུལ་སྐུ་རྡོ་རྗེ་ཐོགས་མེད། མཁན་པོ་བཀྲ་ཤིས་ཆོས་འཕེལ། སངས་རྒྱས་ཆོས་གྲགས་ཚུ་གིས་ ཇི་ལྟར་གསོལ་བ་བཏབ་པའི་ངོར། རྒྱལ་ས་ལྟེ་བ་ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་སྐུ་འདྲའི་མདུན་དུ་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ ཁམས་གསུམ་འགྲོ་བའི་མཆོད་སྡོང་ཆེན་པོ་ ༸སྐྱབས་རྗེ་མཁན་ཆེན་ཁྲི་རབས་བདུན་ཅུ་པ་ སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་དཔལ་བཟང་པོ་མཆོག་གིས་ རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ཐེངས་བཞི་པའི་དངོས་གཞིའི་གསུང་ཆོས་འགོ་བཙུགས་གནང་ཡོད།

བཀའ་འགྱུར་ལྗགས་ལུང་གི་སྔོན་འགྲོའི་གསུང་ཆོས།

ནངས་པ་རང་ཟླ་༦ པའི་ཚེས་༩ ལུ་ ཆོས་ཀྱི་དབུ་ཁྲིད་དམ་པ་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ རྒྱལ་བའི་བཀའ་འགྱུར་ལྗགས་ལུང་གི་ སྔོན་འགྲོ་མགོན་པའི་ཚོགས་འཁོར་གནང་ནི་དང་། གནང་ཚེ་ལས་བཀའ་འགྱུར་ལྗགས་ལུང་ཐེངས་བཞི་པའི་དངོས་གཞི་འགོ་བཙུགས་ ཟླ་ངོ་༣ དེ་ཅིག་གི་ནང་འཁོད་ གནང་ནི་ཨིན་པའི་མཛད་འཆར་ཡོདཔ་མ་ཟད་ དད་ཅན་གྱི་སྦྱིན་བདག་དང་ཆོས་ཞུ་མི་ཡང་ལེ་ཤ་འཛོམས་ཡོདཔ་ཨིན།

སྟོན་པའི་དུས་ཆེན་ཁྱད་པར་ཅན་གྱི་ངོ་སྤྲོད།

ཟླ་བ་དྲུག་པའི་ཚེ་བཞི། སྟོན་པའི་དུས་ཆེན་ཁྱད་པར་ཅན་གྱི་ངོ་སྤྲོད་མདོར་བསྡུས་བཞུགས་སོ།། དེ་ཡང་ཀུན་མཁྱེན་མི་ཕམ་པདྨ་དཀར་པོའི་ཞལ་ལས། གསེར་གྱི་རྩིབས་སྟོང་འབུལ་བའི་གདོང་བཞིའི་ངོར།། ཝཱ་ར་ནཱ་སཱིར་བདེན་བཞི་་་་་་། ། ཞེས་གསུངས་པ་ལྟར། སངས་རྒྱས་ཤཱཀྱ་ཐུབ་པ་ཡིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ། ཞག་བདུན་ཕྲག་བདུན་ཆོས་མི་གསུང་བར་བཞུགས་པའི་སྐབས་སུ་ལྷ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། དུང་དཀར་པོ་གཡས་སུ་འཁྱིལ་བ་གཉིས་ཕུལ་ཏེ་ཆོས་གསུང་དགོཔ་སྦེ་གསོལ་བ་བཏབ་པའི་ངོར། དུས་ཚོད་ཟླ་བ་དྲུག་པའི་བཞི། ཡུལ་ཝཱ་ར་ནཱ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ན། སློབ་མའི་གཙོ་བོ་ ༡ཀུན་ཤེས་ཀོོཎྡི་ནྱ། ༢ རྟ་ཐུལ། ༣ རླངས་པ། ༤ མིང་ཆེན། ༥བཟང་ལྡན་ཏེ་འཁོར་ལྔ་ལྡན་བཟང་པོས་གཙོས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཁོར་གྲངས་ལས་འདས་པ་ལུ། བརྗོད་བྱ་བདེན་པ་བཞི་ལས་བརྩམས་ཏེ་བདེན་བཞི་ཆོས་འཁོར་ཞེས་པའི་ཆོས་འཁོར་དང་པོ་དེ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དེ་ཨིན་ཟེར་ཞུ་ནི་ཨིན། དུས་འདིའི་སྐབས་སུ་ང་བཅས་ར་ག་ར་སྦེ་རུང་རྒྱུ་ཆེ་ཆུང་ལུ་མ་ལྟ། ལུས་དཀའ་ངལ་ལུ་མ་འཛེམ། སེམས་ཚ་རྒྱང་གི་དབང་དུ་མ་སོང་བར་དགེ་བའི་ལས་ལུ་བརྩོན་ཤུགས་སྐྱེད་ཚུབ་པ་ཅིན། དུས་ཚོད་ཁྱད་པར་ཅན་སྦེ་ནི་འདི་གི་རང་གི་བྱས་པའི་དགེ་བ་འདི་ཚུ་ཡང་ནམ་རྒྱུན་དགེ་བ་བྱེད་པ་ལས་ལྷག་པའི་འབྲས་བུ་ཡོདཔ་སྦེ་མཁས་གྲུབ་གཉིས་ལྡན་བླ་མ་ཚུ་གིས་གསུངས་ཡོད་ཟེར་ཞུ་ནི་ཨིན  



TOP

ང་བཅས་དང་འབྲེལ་བ་འཐབ་ས།

གཞུང་གྲྭ་ཚང་། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་།
བརྒྱུད་འཕྲིན་ཨང་: +༩༧༥-༢-༣༣༧༠༨༥
པར་འཕྲིན་ཨང:+ ༩༧༥-༢-༣༢༣༦༦༥

Copyright © 2015 ZHUNG DRATSHANG.